• <nav id="muugm"><strong id="muugm"></strong></nav><nav id="muugm"><strong id="muugm"></strong></nav>
  • 設為首頁 | 加入收藏
    無標題文檔
     
    首頁 | 新聞中心 | 圖片新聞 | 黨政領導 | 領導動態 | 媒體關注 | 黨的建設 | 生態保護 | 特色旅游 | 民俗文化 | 民生關注 | 精神文明
    在线播放♂のオナニーを見るだけで高額報酬!? ぷち援活女子...
     
      現在的位置: 果洛新聞網新聞中心
     
    【漢藏雙文】州委書記武玉嶂:要高度重視和關心宗教場所疫情防控和廣大僧尼的生命安全及身體健康
    來源: 州委統戰部
    發布時間: 2020-02-03 16:28:48
    編輯: 周生吉

      

      州委書記武玉嶂:要高度重視和關心宗教場所疫情防控和廣大僧尼的生命安全及身體健康

      ཁུལ་ཨུའི་ཧྲུའུ་ཅི་ཝུའུ་ཡུས་ཀྲང་གིས་བསྟན་དོན། ཚད་མཐོན་པོའི་སྒོ་ནས་ཆོས་ལུགས་བྱེད་སྒོ་སྤེལ་གནས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱི་ཚེ་སྲོག་བདེ་ཐང་ལ་མཐོང་ཆེན་དང་སེམས་ཁུར་བྱེད་དགོས།

      2月2日,州委書記武玉嶂對全州藏傳佛教界堅決支持黨委政府決定,正面引導信教群眾,以實際行動抗擊疫情,共同筑牢防疫安全墻等相關工作表示充分肯定,并通過州統戰民宗部門向全州各寺院和廣大僧尼表示深切慰問和誠摯感謝。

      ཟླ2པའི་ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི་ཝུའུ་ཡུས་ཀྲང་གིས་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་མཐའ་གཅིག་ཏུ་ཏང་ཨུ་དང་སྲིད་གཞུང་གི་ཐག་བཅད་ལ་ རྒྱབ་སྐྱོར་བྱས་པ་དང་། དྲང་ངོས་ནས་ཆོས་དད་མང་ཚོགས་ལ་སྣེ་ཁྲིད་བྱས་པ། དངོས་ཐོག་བདེན་འཚོལ་གྱིས་རིམས་ནད་ལ་འགོག་རྒོལ་བྱས་ཏེ། ཐུན་མོང་གིས་རིམས་ནད་སྔོན་འགོག་གི་བདེ་འཇགས་ལྕགས་རི་ཞིག་བརྟན་པོར་བཙུགས་པ་བཅས་ཀྱི་འབྲེལ་ཡོད་བྱ་བར་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཁུལ་ཨུའི་འཐབ་སྒྲིལ་པུའུ་དང་ཁུལ་མི་རིགས་ཆོས་ལུགས་སྡེ་ཁག་བརྒྱུད་ནས་ཁུལ་ཡོངས་ཀྱི་དགོན་སྡེ་ཁག་དང་རྒྱ་ཆེའི་གྲྭ་བཙུན་རྣམས་ལ་སྙིང་ཐག་པ་ནས་འཚམས་འདྲི་དང་བཀའ་དྲིན་ཞུས།

      眾志成城抗擊肺炎

      在近期召開的州疫情防控處置工作指揮部專題會上,州委書記武玉嶂多次對全州宗教場所疫情防控工作進行了安排部署,聽取了州統戰民宗部門宗教領域疫情防控工作匯報。武玉嶂強調,寺院是我州人口相對集中之處和信教群眾的聚集地,做好寺院疫情防控是全州疫情防控的重點,各級黨委政府和相關部門要高度重視寺院疫情防控工作,堅決落實相關防控措施,幫助關心解決寺院僧尼防護用品缺乏問題,讓廣大僧尼切實感受到黨委政府的關懷,確保廣大僧尼和信教群眾的安全。

      ཉེ་སྔོན་བསྡུས་པའི་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་ཆེད་དོན་ཚོགས་འདུའི་ཐོག་ཁུལ་ཨུའི་ཧྲུའུ་ཅི་ཝུའུ་ཡུས་ཀྲང་གིས་ཁུལ་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་གནས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་བཀོད་སྒྲིག་ཐེངས་མང་བྱས་པ་དང་། ཁུལ་འཐབ་སྒྲིལ་པུའུ་དང་མི་རིགས་ཆོས་ལུགས་སྡེ་ཁག་གི་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་སྙན་ཞུ་ལ་ཉན་པ་ཡིན། ཝུའུ་ཡུས་ཀྲང་གིས་བཤད་རྒྱུར། དགོན་སྡེ་ནི་རང་རེའི་ཁུལ་ལ་མཚོན་ན་མི་འབོར་འདུས་འཚོགས་ཀྱི་གནས་ཞིག་ཡིན་པ་དང་དད་ལྡན་མང་ཚོགས་འདུས་སྡོད་བྱེད་ས་ཞིག་ཀྱང་ཡིན། དགོན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་ལེགས་པར་སྒྲུབ་རྒྱུ་ནི་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་གཙོ་གནད་ཞིག་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་དགོན་སྡེའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཚད་མཐོན་པོའི་མཐོང་ཆེན་བྱེད་དགོས་པ་དང་། བློ་ཐག་རྦད་ཆོད་ཀྱིས་འབྲེལ་ཡོད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ཏེ། དགོན་སྡེའི་གྲྭ་བཙུན་གྱི་འགོག་སྲུང་མཁོ་ཆས་མི་འདང་བའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། རྒྱ་ཆེའི་གྲྭ་བཙུན་ཚོར་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་བྱེད་བཞིན་པ་དངོས་ནས་མྱོང་ཚོར་བྱེད་དུ་བཅུག་ནས། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

      武玉嶂指出:疫情發生后,全州藏傳佛教界廣大僧眾高度關注疫情防控,自覺響應黨委政府號召,力所能及的為疫情防控做了工作,有的寺院研制防疫藏藥,有的寺院主動辟謠倡導信眾科學防治,這些工作充分展現了我州藏傳佛教界服務社會、利人利他的責任擔當和良好傳統。

      ཝུའུ་ཡུས་ཀྲང་གིས་བསྟན་དོན། རིམས་ནད་བྱུང་རྗེས། ཁུལ་ཡོངས་ཀྱི་ནང་བསྟན་ལས་རིགས་ཀྱི་རྒྱ་ཆེའི་དགེ་འདུན་པས་ཚད་མཐོན་པོའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་དོ་སྣང་ཆེན་པོ་བྱས་པ་དང་། རང་རྟོགས་སྒོས་ཏང་ཨུ་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱས་ནས་ནུས་པས་ལྕོགས་ཚོད་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་བྱ་བ་མང་པོ་བསྒྲུབ་ཡོད་པ་མ་ཟད། དགོན་པ་ལ་ལས་རིམས་ནད་སྔོན་འགོག་གི་བོད་སྨན་སྡེབ་སྦྱོར་བྱས་པ་དང་། ལ་ལས་རྫུན་གཏམ་ཐེར་འདོན་བྱས་ཏེ་དད་ལྡན་མང་ཚོགས་ཀྱི་ཚན་རིག་གི་སྒོ་ནས་འགོག་བཅོས་བྱས་པར་སྐུལ་སྤེལ་བྱས་ཡོད། བྱ་བ་འདི་དག་གིས་སྒོ་ཀུན་ནས་རང་ཁུལ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཐོན་པ་དང་གཞན་ཕན་གྱི་འགན་ནུས་བླངས་པའི་སྲོལ་རྒྱུན་བཟང་པོ་མངོན་པར་མཚོན་ཡོད་ཞེས་གསུངས་པ་རེད།

      武玉嶂強調:面對疫情社會各界責無旁貸,全州各寺院僧尼要認真學習貫徹習近平總書記重要指示批示精神、黨中央國務院和省委省政府決策部署,以及州委州政府要求,按照疫情防控“堅定信心、同舟共濟、科學防治、精準施策”的16字方略,號召廣大信眾進一步增強安全防護意識,各負其責,嚴防死守,共同守護果洛各族人民群眾的生命安全和身體健康,為打贏疫情阻擊戰做出自身應有的貢獻。

      ཝུའུ་ཡུས་ཀྲང་གི་ནན་གྱིས་བསྟན་དོན། རིམས་ནད་ཀྱི་མདུན་དུ་སྤྱི་ཚོགས་ལས་རིགས་ཁག་གིས་རང་འགན་གཞན་ལ་དཀྲི་ཐབས་མི་བྱེད་པ་དང་། ཁུལ་ཡོངས་ཀྱི་དགོན་སྡེ་སོ་སོའི་གྲྭ་བཙུན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐག་བཅད་བཀོད་སྒྲིག ཁུལ་ཨུ་ཁུལ་སྲིད་གཞུང་གི་བླང་བྱའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་བྱེད་དགོས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཐད་བཏོན་པའི་ཡིད་ཆེས་བརྟན་བརླིང་དང་དཀའ་ངལ་མཉམ་སེལ། ཚན་རིག་འགོག་བཅོས། གནད་འཁེལ་ཇུས་འདོན་གྱི་ཡིག་འབྲི་བཅུ་དྲུག་གི་ཐབས་ཇུས་ནང་ལྟར། རྒྱ་ཆེའི་ཆོས་དད་མང་ཚོགས་ལ་འབོད་སྐུལ་བཏང་སྟེ་སྔར་ལས་ལྷག་པར་བདེ་འཇགས་འགོག་སྲུང་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དང་། རང་འགན་རང་འཁུར་དང་ནན་འགོག་བརྟན་སྲུང་བྱས་ནས་མགོ་ལོག་གི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་སྐུ་ལུས་བདེ་ཐང་ལ་ཐུན་མོང་གི་སྲུང་སྐྱོབ་བྱེད་དགོས་ཤིང་། རིམས་ནད་འགོག་རྒོལ་འཐབ་རྩོད་ལས་རྣམ་པར་རྒྱལ་བར་རང་ནུས་གང་ཡོད་ཀྱིས་བྱས་རྗེས་འཇོག་དགོས་ཞེས་གསུངས་ཡོད།

      

    相關新聞↓
        [ 返回首頁 ] [ 打印 ] [ 進入青新論壇 ] [ 關閉窗口 ]
       
     
     
    主辦:中共果洛州委宣傳部 技術支持:青海新聞網
    果洛新聞網投稿郵箱:glnews2015@163.com