• <nav id="muugm"><strong id="muugm"></strong></nav><nav id="muugm"><strong id="muugm"></strong></nav>
  • 設為首頁 | 加入收藏
    無標題文檔
     
    首頁 | 新聞中心 | 圖片新聞 | 黨政領導 | 領導動態 | 媒體關注 | 黨的建設 | 生態保護 | 特色旅游 | 民俗文化 | 民生關注 | 精神文明
    在线播放♂のオナニーを見るだけで高額報酬!? ぷち援活女子...
     
      現在的位置: 果洛新聞網新聞中心
     
    【漢藏雙文】州委書記武玉嶂慰問瑪沁縣拉加寺宗教人士
    來源: 州委辦
    發布時間: 2020-01-06 20:11:31
    編輯: 周生吉

      

    ༄༅།།ཁུལ་ཨུའི་ཧྲུའུ་ཅི་ཝུའུ་ཡུས་ཀྲང་གིས་རྨ་ཆེན་རྫོང་རྭ་རྒྱ་དགོན་པའི་ཆོས་ལུགས་མི་སྣར་འཚམས་འདྲི་གནང་བ།
    州委書記武玉嶂慰問瑪沁縣拉加寺宗教人士

      ཟླ ༡ ཚེས ༢ ཉིན། ཁུལ་ཨུའི་ཧྲུའུ་ཅི་ཝུའུ་ཡུས་ཀྲང་རྨ་ཆེན་རྫོང་རྭ་རྒྱ་དགོན་པར་བསྐྱོད་དེ་དགོན་པའི་དམངས་གཙོ་དོ་དམ་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱི་ཁོངས་མི། དེ་བཞིན་གཙོ་རུ་དང་ཇེ་ཚང་བསྟན་པའི་རྒྱལ་མཚན་སོགས་ཆོགས་ལུགས་མི་སྣར་ཁམས་བདེའི་འཚམས་འདྲི་གནང་། ཁུལ་ཨུ་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་གནང་ཞིང་། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣར་ལོ་སར་གྱི་སྨོན་འདུན་ཞུས། ཝུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན། ལོ་སར་གྱི་རྣམ་པ་གསར་པའི་ཁྲོད། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ལོ་སར་ཤིས་ཚིག་ཁྲོད་ཀྱི་མངགས་བཅོལ་ཟབ་མོ་གཞིར་བཟུང་ནས། དུས་ཚོད་བརྩོན་ལེན་དང་ལང་ཚོ་ཆུད་ཟོས་སུ་མི་གཏོང་བར། ནན་ཏན་སྒོས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། མི་རིགས་ཆོས་ལུགས་ལས་དོན་ལ་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་ནས། ཆོས་ལུགས་ལས་རིགས་ཀྱི་དཀའ་ངལ་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་ཡིན་པར་བསྟན།

      1月2日,州委書記武玉嶂前往瑪沁縣拉加寺看望慰問寺院民管會和監委會成員以及佐日、杰桑·旦貝堅贊等宗教人士,代表州委州政府向他們送去節日問候,向全州宗教界人士致以新春祝福。武玉嶂強調,新年新氣象,全州各級黨委政府要按照習近平總書記新年賀詞中的殷切囑托,只爭朝夕、不負韶華,認真扎實做好各項工作,重視和加強民族宗教工作,解決好宗教界的困難問題。

      ཝུའུ་ཡུས་ཀྲང་གིས་རྭ་རྒྱ་དགོན་པའི་དམངས་གཙོ་དོ་དམ་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་ལ་བཞུགས་མོལ་གནང་སྐབས་བསྟན་དོན། འདས་མ་ཐག་པའི ༢༠༡༩ ལོར། ཀྲུང་དབྱང་དང་ཞིང་ཨུ་ཞིང་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་ཁྲོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་གིས་འབད་བརྩོན་བྱས་པས། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུན་ངང་བདེ་ཐང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་བྱུང་། སྐྱེ་ཁམས་སྲུང་སྐྱོང་དང་། རྨང་གཞིའི་སྒྲིག་བཀོད། ཁྱད་ལྡན་ཐོན་ལས། དབུལ་ཐར་འགག་སྒྲོལ། དམངས་འཚོ་ལེགས་བཅོས། ཁོངས་ཡོངས་གད་སྙིགས་མེད་པ། མི་རིགས་མཐུན་སྒྲིལ་སོགས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་མངོན་གསལ་བླངས། ལྷག་པར་དུ་རང་རེའི་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་སྐྲུན་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ”གྱི་མིང་བཏགས་གནང་། གྲུབ་འབྲས་འདི་དག་ནི་ཁུལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་ཐུན་མོང་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ལ། སྤྱི་ཚོགས་འཆམ་མཐུན་དང་། ཆོས་ལུགས་ཞི་མཐུན་ལའང་ཁ་བྲལ་ཐབས་མེད་པར་བསྟན། ཝུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན། རྭ་རྒྱ་དགོན་པའི་དམངས་གཙོ་དོ་དམ་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གཉིས་ཀྱིས། སྔར་བཞིན་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་སྒོས། ན་གཞོན་གྲྭ་པའི་བསམ་བློའི་ཁྲིད་སྟོན་དང་སློབ་གསོའི་དོ་དམ་ལ་ཤུགས་སྣོན་པ་དང་། ཏན་ཏིག་གིས“དུས་བདེའི་དགོན་པ”དང“འཆམ་མཐུན་དགོན་པ”འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས། འཆམ་མཐུན་སྤྱི་ཚོགས་དང་དུས་བདེའི་མགོ་ལོག་འཛུག་སྐྲུན་ལ་རམ་འདེགས་བྱེད་དགོས་པར་བསྟན།

      武玉嶂在與拉加寺民管會、監委會座談時指出,剛剛過去的2019年,在中央和省委省政府的堅強領導下,全州上下共同努力,經濟社會保持了持續健康發展態勢,生態保護、基礎設施、特色產業、脫貧攻堅、民生改善、全域無垃圾、民族團結等各項事業取得顯著成效,特別是我州民族團結進步示范州創建工作取得階段性成果,國家民委正式命名我州為“全國民族團結進步示范州”。取得這些成績是全州各族各界共同努力的結果,與社會和諧、宗教和順是分不開的。武玉嶂強調,拉加寺民管會、監委會,一如既往發揚愛國愛教的傳統,加強年輕僧人思想引導和教育管理,扎實推進“平安寺院”“和諧寺院”建設,助力和諧社會和平安果洛建設。

      ཝུའུ་ཡུས་ཀྲང་གིས་བསྟན་དོན། རང་རེའི་ཁུལ་འདི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཤིན་ཏུ་དབུལ་བོའི་ས་ཁུལ་ཡིན་པའི་ཆ་ནས། ཏང་ཀྲུང་དབྱང་དང་ཞིང་ཨུ་ཞིང་སྲིད་གཞུང་གིས་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་སྐྱོར་ཤུགས་ཆེན་ཐོབ། ན་ནིང་རང་རེའི་ཁུལ་གྱིས་ཞིང་ཆེན་ཡོངས་ལས་སྔོན་ལ་ཡུལ་གཞན་དབུལ་སྐྱོར་གནས་སྤོའི་ལས་འགན་ལེགས་གྲུབ་བྱུང་ཞིང་། དམངས་ཕན་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་གནང་བས། དབུལ་ཁྱིམ ༦༩ % དང་དབུལ་བོ ༧༡ % གིས་ཡུལ་གཞན་དབུལ་སྐྱོར་གནས་སྤོའི་རྣམ་གྲངས་ལོངས་སུ་སྤྱད། གནས་སྤོ་ཁྱིམ་ཚང་རྣམས་སྡོད་ཁང་གསར་པར་སྤོས་ཤིང་ཆུ་གློག་ལམ་གསུམ་དང་ཆ་འཕྲིན་བཅས་ཡོངས་སུ་ཁྱབ་ཐུབ་པ་བྱུང་། དབུལ་ཁྱིམ་གྱིས་ལོངས་སྤྱོད་ཐུབ་པའང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཏང་ཀྲུང་དབྱང་། ཞིང་ཨུ་ཞིང་སྲིད་གཞུང་། ཁུལ་ཨུ་ཁུལ་སྲིད་གཞུང་བཅས་ཀྱི་ཐུགས་ཁུར་དང་གཅེས་སྐྱོང་ཡིན། ཁུལ་ཡོངས་ཀྱི་ཆོགས་ལུགས་ལས་རིགས་ཁག་གི་མི་སྣ་རྣམས་ཧུར་ཐག་གིས་དབུལ་ཐར་འགག་སྒྲོལ་ངེས་འཐབ་ངེས་རྒྱལ་དང་བལྟོས་མེད་དབུལ་བོའི་མི་འབོར་ཕྱོགས་ཡོངས་ནས“གཙང་ཐིག”ཡོང་བའི་ལས་དོན་གྱི་ནང་དུ་ཞུགས་དགོས་ལ། ཁུལ་ཨུའི«མགོ་ལོག་ཁུལ་ཆོས་དད་མང་ཚོགས་ཀྱི་ཆོས་ལུགས་ཐད་ཀྱི་འགྲོ་སོང་ཚད་ལྡན་དང་ཇེ་ཉུང་དུ་གཏོང་བའི་མཛུབ་ཁྲིད་བསམ་འཆར»གྱི་བླང་བྱ་དོན་འཁྱོལ་བྱས་ནས། གྲོན་ཆུང་གིས་ཆོས་སྒྲུབ་པ་དང་། འོས་འགན་གྱིས་ཆོས་འདོན་པ། མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ། དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་བྱེད་པ་བཅས་ཀྱི་བྱེད་ཐབས་བཟང་པོ་རྣམས་ལ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་དང་ཞིང་ཨུའི་ཁས་ལེན་ཐོབ། གོམས་སྟབས་རྗེས་མར་རྭ་རྒྱ་དགོན་པས་མུ་མཐུད་དུ་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཞིས་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག ནན་ཏན་སྒོས་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དམ་ཟབ་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བར་དམིགས་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་སྤྱིའི་བླང་བྱ་དང་སྤྱིའི་དམིགས་ཚད་ལ་སྐུལ་འདེད་སྒོས། ཚན་རིག་གྱི་གོ་རིམ་ལྡན་ཞིང་ཁྲིམས་ལྟར་བོད་བརྒྱུད་ནང་བསྟན་དགོན་པ“དུས་བདེའི་དགོན་པ”དང“འཆམ་མཐུན་དགོན་པ”འཛུགས་སྐྲུན་དོ་དམ་གྱི་ལས་དོན་ཡག་པོ་སྒྲུབ་དགོས། དགོན་པའི་དམངས་དོ་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན། དེ་བཞིན་བླ་མ་སྐྱེས་ཆེན་རྣམས་མཉམ་མཐུན་སྒོས། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། མུ་མཐུད་དུ་དྲ་རྒྱའི་དོ་དམ་གྱི་དགེ་མཚན་ཉམས་མྱོང་འཚོལ་ཞིབ་དང་། གྲྭ་པར་བསྟན་པའི་འདུལ་ཁྲིམས་ལ་གོང་བཀུར་བྱེད་པར་ཁྲིད་སྟོན་བྱས་ནས། བློ་རྩེ་གཅིག་སྒྲིམ་གྱིས་ནང་བསྟན་ལ་ཞིབ་འཇུག་ཟབ་སྦྱོང་བྱེད་དགོས། ལྷག་པར་དུ་ན་གཞོན་གྲྭ་པའི་སློབ་གསོའི་ཁྲིད་སྟོན་ཀྱི་གསོ་སྐྱོང་དོ་དམ་ཡག་པོ་འཛིན་དགོས་ལ། ཁོང་ཚོས་བློ་བདེ་པོའི་ངང་དགོན་པའི་ནང་ཆོས་སྦྱོང་ཐུབ་པ་དང་། རྒྱལ་ཁབ་མི་དམངས་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབས་ཏེ། ཁུལ་ཡོངས་རྒྱུན་མཐུད་ངང་འཆམ་མཐུན་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་གང་ཡོད་འབུལ་དགོས་པར་བསྟན།

      武玉嶂指出,我州作為全國和全省深度貧困地區,得到黨中央和省委省政府親切關懷和大力支持,去年我州率先在全省完成易地扶貧搬遷任務,各項惠民政策得到全面落實,69%的貧困戶、71%的貧困人口享受了易地扶貧搬遷項目,搬遷戶都住進了新房,實現水電路訊全覆蓋。貧困戶享受到的是習近平總書記和黨中央、省委省政府、州委州政府的關心關愛。全州宗教界人士積極參與決戰決勝脫貧攻堅和絕對貧困人口全面“清零”工作,落實州委《果洛州規范和減少信教群眾宗教支出的指導意見》要求,勤儉辦教、義務誦經,減輕群眾負擔,助力脫貧攻堅,這一好的做法得到全國政協主席汪洋和省委的肯定。下一步拉加寺要繼續發揮模范帶頭作用,在習近平新時代中國特色社會主義思想指引下,認真貫徹落實黨的十九屆四中全會精神,緊緊圍繞堅持和完善中國特色社會主義制度、推進國家治理體系和治理能力現代化的總體要求和總體目標,科學有序依法做好藏傳佛教寺院“平安寺院”“和諧寺院”建設管理工作。寺院民管會和監委會以及高僧大德要形成合力,傳承和弘揚愛國愛教的傳統,繼續探索網格管理有益經驗,引導僧人尊崇教義教規,悉心研修佛法,尤其是抓好年輕僧人教育引導的培養管理,讓他們安心在寺院學經,多做利國利民之事,為全州持續和諧穩定作出應有貢獻。

      ཝུའུ་ཡུས་ཀྲང་གིས་གཙོ་རུ་དང་བཞུགས་མོལ་གནང་སྐབས། ཐུགས་ཁུར་ཆེན་པོས་རྒྱུན་ལྡན་གྱི་འཚོ་བ་དང་། ལུས་པོའི་གནས་ཚུལ། ནང་བསྟན་ཟབ་སྦྱོང་སོགས་ཀྱི་གནས་ཚུལ་དྲིས་ཤིང་། སྐུ་གཟུགས་ལ་གཅེས་སྤྲས་བྱེད་དགོས་པར་བཀའ་མངགས་གནང་། ནང་བསྟན་དར་སྤེལ་ཁྲོད་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་གནང་བ་དང་། དགོན་པའི་དམངས་དོ་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་ལ་ཐུགས་ཁུར་མང་ཙམ་གནང་བ་། གྲྭ་པར་སློབ་གསོའི་མཛུབ་སྟོན་གནང་སྟེ་ཏན་ཏིག་གིས“དུས་བདེའི་དགོན་པ”དང“འཆམ་མཐུན་དགོན་པ”འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས་པར་བསྟན། གཙོ་རུ་སྤྲུལ་སྐུའི་བསྟན་དོན། ངས་རང་གི་ནུས་ཤུགས་ཡོད་ཚད་བཏོན་ནས་ཏང་གི་དམངས་ཕན་སྲིད་ཇུས་ཀྱི་དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབ་ངེས་ཡིན་ལ། མུ་མཐུད་དུ་དགོན་པའི་དམངས་དོ་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་ཁག་ལ་རྒྱབ་སྐྱོར་བྱས་ཏེ། རང་ཉིད་ཀྱི་ནུས་པ་འདོན་སྤེལ་སྒོས“དུས་བདེའི་དགོན་པ”དང“འཆམ་མཐུན་དགོན་པ”འཛུགས་སྐྲུན་གྱི་ཆེད་དུ་ལེགས་སྐྱེས་འབུལ་རྒྱུ་ཡིན་པར་བསྟན། ཝུའུ་ཡུས་ཀྲང་གིས་དགོན་པའི་དམངས་དོ་ཨུ་ལྷན་དང་ན་གཞོན་གྲྭ་པ་ཚོས་སེམས་རྣལ་དུ་ཕབ་ནས་ཆོས་ལུགས་ཞིབ་འཇུག་དང་། དགོན་པར་དོ་དམ་ཡག་པོ་བྱས་ནས། ཏང་ཨུ་སྲིད་གཞུང་བློ་བདེ་པོ་ཡོང་བར་བྱེད་དགོས་པའི་ཐུགས་རེ་གནང་། ཝུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན། ཁུལ་རྫོང་གི་ཏང་ཨུ་སྲིད་གཞུང་གིས་མུ་མཐུད་དུ་དགོན་པའི“ལས་གཞི་ཆེན་མོ་དྲུག”ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྱོན་ཡོངས་ནས་འབྲེལ་ཡོད་སྲིད་ཇུས་དང་རྣམ་གྲངས་དོན་འཁྱོལ་བྱེད་དགོས་ལ། ནུས་པ་ལྡན་པའི་ངང་དགོན་པའི་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་བྱེད་དགོས་པར་བསྟན།

      武玉嶂在與佐日座談中,關切詢問日常生活、身體狀況、研修佛學等情況,囑咐保重身體,在弘揚佛學中宣傳國家各項利民惠民政策,多關心寺院民管會和監委會工作,教育引導僧眾扎實推進“平安寺院”“和諧寺院”建設。佐日活佛表示,將盡自己最大的努力做好黨的利民惠民政策宣傳工作,繼續支持寺院民管會、監委會各項工作,發揮自己的作用,為“平安寺院”“和諧寺院”建設作出貢獻。武玉嶂希望寺院民管會及年輕僧人安心學經、精研佛法,管理好寺院,讓黨委政府放心。武玉嶂強調,州縣黨委政府要繼續加大寺院“六大工程”實施力度,全面落實有關政策和項目,有效改善寺院基礎條件。

      ཝུའུ་ཡུས་ཀྲང་གིས་སྤྲུལ་སྐུ་ཇེ་ཚང་བསྟན་པའི་རྒྱལ་མཚན་དང་བཞུགས་མོལ་གནང་སྐབས་བསྟན་དོན། རྭ་རྒྱ་དགོན་པས་མང་ཚོགས་ཀྱི་ཆོས་ལུགས་ཐད་ཀྱི་འགྲོ་སོང་ཇེ་ཡང་དུ་གཏོང་བའི་བྱེད་ཐབས་ཧ་ཅང་ཡག་པོ་འདུག གཙོ་རུ་སྤྲུལ་སྐུ་དང་མགོན་ཤུལ་སྤྲུལ་སྐུ་ལྷན་དུ་དགོན་པའི་དམངས་དོ་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་ལ་དོ་ཁུར་རྒྱབ་སྐྱོར་མང་ཙམ་གནང་དགོས། དགོན་པའི་འཛུགས་སྐྲུན་དང་དོ་དམ་ཡག་པོ་བསྒྲུབས་ཏེ། མུ་མཐུད་དུ“དུས་བདེའི་དགོན་པ” དང “འཆམ་མཐུན་དགོན་པ” འཛུགས་པར་ནུས་པ་འདོན་དགོས་ལ། འཆམ་མཐུན་བརྟན་ལྷིང་གི་ལས་དོན་ཡག་པོ་སྒྲུབ་དགོས་པར་བསྟན། ཇེ་ཚང་བསྟན་པའི་རྒྱལ་མཚན་གྱིས་བསྟན་དོན། ཁུལ་རྫོང་གི་ཏང་ཨུ་སྲིད་གཞུང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཆོགས་ལུགས་མི་སྣ་དང་དགོན་པའི་དོ་དམ་མི་སྣར་ལྟ་གཟིགས་འཚམས་འདྲི་གནང་བར་ཕེབས་ཤིང་། དེ་བཞིན་དུས་ཡུན་རིང་པའི་ནང་རྭ་རྒྱ་དགོན་པའི་འཛུགས་སྐྲུན་དོ་དམ་ལ་རྒྱབ་སྐྱོར་རོགས་རམ་དང་གྲྭ་དམངས་ལ་བརྩེ་སེམས་ཐུགས་ཁུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། སྔར་བཞིན་དམངས་དོ་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་ལ་རྒྱབ་སྐྱོར་དང་། དགོན་པའི་གྲྭ་པ་དང་དད་ལྡན་མང་ཚོགས་ཀྱི་བསམ་བློའི་ཁྲིད་སྟོན་ཡག་པོ་བྱས་ནས། ནུས་ཤུགས་ཡོད་རྒུས་དགོན་པ་ཚད་ལྡན་ཅན་གྱི་དོ་དམ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པར་བསྟན།

      武玉嶂在與杰桑·旦貝堅贊活佛座談時指出,拉加寺在減輕群眾宗教支出中的做法很好,要和佐日、貢西活佛一起多關心支持寺院民管會、監委會的工作,建設好、管理好寺院,繼續在建設“平安寺院”“和諧寺院”中發揮作用,做好和諧穩定工作。杰桑·旦貝堅贊表示,衷心感謝州縣黨委政府在新年來臨之際,看訪慰問宗教人士和寺院管理人員以及長期以來對拉加寺建設管理的支持幫助和對僧眾的關心關懷,將一如既往地支持民管會和監委會工作,做好寺院僧人和信教群眾的思想引導,全力支持寺院規范化管理。

      ཝུའུ་ཡུས་ཀྲང་དང་བཅས་པས་ད་དུང་དགོན་པའི་མཛུབ་སྟོན་པ་དང་དགོན་སྡོད་དོ་དམ་ལས་བྱེད་པར་འཚམས་འདྲི་གནང་ཞིང་། ཁོང་ཚོར་སྤྱོད་ཚུལ་ཇེ་ལེགས་དང་། དངོས་སྒྲུབ་སྣང་ཆེན། ཕན་འབྲས་དོན་གཉེར་བཅས་བྱས་ཏེ། ནན་ཏན་སྒོས་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་དང་། གྲྭ་པའི་དངོས་ཡོད་དཀའ་ངལ་ཐག་གཅོད་ཡག་པོ་བྱེད་དགོས་ལ། དོ་དམ་དང་སློབ་གསོའི་ཁྲིད་སྟོན་ལ་ཤུགས་བསྣན་ནས། “དུས་བདེའི་དགོན་པ”འཛུགས་སྐྲུན་ཡག་པོ་བྱེད་དགོས་པར་བསྟན།

      武玉嶂一行還慰問了寺院指導員和駐寺管理干部,勉勵他們轉作風、重實干、務實效,認真落實好各項惠寺利僧政策,解決好僧人的實際困難,加強管理和教育引導,開展好“平安寺院”建設。

      ཀྲང་ཞའོ་ཅུན་དང་ཧན་ཧའེ་ཧུང་། དེ་བཞིན་རྨ་ཆེན་རྫོང་ཨུ་དང་ཁུལ་ཨུ་གཞུང་ལས་ཁང་། འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་རྣམས་མཉམ་དུ་ཕེབས་རོགས་མཛད།

      張曉軍、韓海宏以及瑪沁縣委、州委辦、統戰部有關負責同志隨同。

    相關新聞↓
        [ 返回首頁 ] [ 打印 ] [ 進入青新論壇 ] [ 關閉窗口 ]
       
     
     
    主辦:中共果洛州委宣傳部 技術支持:青海新聞網
    果洛新聞網投稿郵箱:glnews2015@163.com